卡多尔珠姆

演唱:班措
卡多尔珠姆 - 班措
词:旺什代海•热乐
曲:岗尖巴卓玛加
统筹:谢旦贴吧工作室
རྫི་གླུ་སང་སང་བླངས་སོང་ཁ་སྟོད་འབྲོག་གི་བུ་མོ།།
རི་གླུ་དབྱངས་ལ་བཀུག་སོང་ཁ་སྟོད་འབྲོག་གི་བུ་མོ།།
ཁ་སྟོད་འབྲོག་གི་བུ་མོ། ཁ་སྟོད་འབྲོག་གི་བུ་མོ།།
རྫ་ཆུ་བསིལ་མ་འཐུང་བས་ཁ་སྟོད་འབྲོག་གི་བུ་མོའི།།
ངག་སྒོ་ཡངས་པོར་ཕྱེས་སོང་ཁ་སྟོད་འབྲོག་གི་བུ་མོ།།
རེ་ལྡེའི་སྦྲ་ཞིག་བཟོས་སོང་ཁ་སྟོད་འབྲོག་གི་བུ་མོ།།
ཚ་རུའི་ལྭ་ཞིག་བཟོས་སོང་ཁ་སྟོད་འབྲོག་གི་བུ་མོ།།
ཁ་སྟོད་འབྲོག་གི་བུ་མོ། ཁ་སྟོད་འབྲོག་གི་བུ་མོ།
ལག་དང་ལས་ཀ་འཛོམས་པས་ཁ་སྟོད་འབྲོག་གི་བུ་མོས།།
སྐྱིད་པའི་ཁྱིམ་གཞི་བསྐྱངས་སོང་ཁ་སྟོད་འབྲོག་གི་བུ་མོ།།
ཕ་མ་བྱམས་ཀྱིས་གཉོར་སོང་ཁ་སྟོད་འབྲོག་གི་བུ་མོ།།
ཕུ་ནུ་བརྩེ་བས་བསྐྱངས་སོང་ཁ་སྟོད་འབྲོག་གི་བུ་མོ།།
ཁ་སྟོད་འབྲོག་གི་བུ་མོ། ཁ་སྟོད་འབྲོག་གི་བུ་མོ།
བྱམས་དང་སྙིང་རྗེ་ཆེ་བས་ཁ་སྟོད་འབྲོག་གི་བུ་མོའི།།
ཐུགས་ལ་གཞུང་རྒྱུད་དྲང་སོང་ཁ་སྟོད་འབྲོག་གི་བུ་མོ།།

你可能喜欢