长寿六宝

演唱:卓玛央宗、丹增卓嘎、白玛旦增、次仁拉吉、旦增伊翁、索朗旺久、阿旺坚才、贡布江村、雪域之子、朋克娜娜、索朗德吉、扎西群培、次仁拉姆、旦曲阿帝、次仁桑珠、罗布桑珠、次仁央宗、天杵乐队、边巴德吉
长寿六宝 - 天杵乐队
词:白玛旦增
曲:天杵乐队
ཏ་ར་ར
ཏ་ར་ར
ཏ་ར་ར
ཏ་ར་ར
མཛེས་སྡུག་གི་ས་ཡི་གོ་ལ
ང་ཚོ་ཚང་མའི་ཁྱིམ་གཞིས་རེད
དེ་ལ་གནས་པའི་སེམས་ཅན་ཐམས་ཅད
ང་ཚོ་ཚང་མའི་གྲོགས་པོ་རེད
ཁོང་ཚོ་ལ་གནོད་འཚེ་མ་གཏོང
བྱམས་སྙིང་རྗེ་སེམས་ལ་བཟུང
ཁོང་ཚོ་ལ་གཏོར་སྐྱོན་མ་གཏོང
ལས་རྒྱུ་འབྲས་སེམས་ནང་ངེས
ཚེ་རིང་རྣམ་དྲུག
དེ་འདྲའི་བདེ་ཞིང་སྐྱིད་པའི་འཇིག་རྟེན་ཞིག
དེ་ནི་བདེ་བ་ཅན་གྱི་ཞིང་ཁམས་རེད
མི་དང་རང་བྱུང་ཁམས་གཉིས་ཞི་བདེར་གནས
མཛེས་སྡུག་གི་ས་ཡི་གོ་ལ
ང་ཚོ་ཚང་མའི་ཁྱིམ་གཞིས་རེད
དེ་ལ་གནས་པའི་སེམས་ཅན་ཐམས་ཅད
ང་ཚོ་ཚང་མའི་གྲོགས་པོ་རེ
འཁོར་བ་འདི་འཁོར་ནས་འགྲོ་བ
ཡོད་ཚད་ལ་བསྐོར་བ་བརྒྱབ
མཐའ་མཇུག་གི་ཆུ་ཐིགས་གཅིག་དེ
མིག་ཆུ་ལ་མ་གཏོང་རོགས
ང་ཚོ་ཚང་མ་འདྲ་མཉམ་རེད
སའི་གོ་ལའི་བུ་ཕྲུག
ང་ཚོ་ཚང་མ་འདྲ་མཉམ་རེད
སའི་གོ་ལའི་ནོར་བུ་རེད
ང་ཚོ་ཚང་མ་འདྲ་མཉམ་རེད
སའི་གོ་ལའི་བུ་ཕྲུག
ང་ཚོ་ཚང་མ་འདྲ་མཉམ་རེད
སའི་གོ་ལའི་ནོར་བུ་རེད
ཁྲི་གདུཊ་ཉི་མའི་འོད་ཟེར
ཤར་ཕྱོཊ་རི་བོའི་རྩེ་ནས་ཤར་དུས
པད་མའི་མེ་ཏོག་བཞད་ཁ་ཕྱེས
འཛམ་གླིང་ཡོངས་ལ་དགའ་བའི་དཔྱིད་ཀ་ཤར
གནམ་སྔོན་སྤྲིནདཀར་དེ་ནམ་ཡང་གནས
དྭངས་གཙང་ཆུ་མོ་རྒྱུག
ང་ཚོའི་མི་རབས་རྗེས་མར
ཚེ་རིང་རྣམ་དྲུག་ལྟ་བུའི་འཇིག་རྟེན་ཞིག་བསྐྲུན
གནམ་སྔོན་སྤྲིན་དཀར་དེ་ནམ་ཡང་གན
དྭངས་གཙང་ཆུ་མོ་རྒྱུག
ང་ཚོའི་མི་རབས་རྗེས་མར
ཚེ་རིང་རྣམ་དྲུག་ལྟ་བུའི་འཇིག་རྟེན་ཞིག་བསྐྲུན
མཛེས་སྡུག་གི་ས་ཡི་གོ་ལ
ང་ཚོ་ཚང་མའི་ཁྱིམ་གཞིས་རེད
དེ་ལ་གནས་པའི་སེམས་ཅན་ཐམས་ཅད
ང་ཚོ་ཚང་མའི་གྲོགས་པོ་རེད
འཁོར་བ་འདི་འཁོར་ནས་འགྲོ་བས
ཡོད་ཚད་ལ་བསྐོར་བ་བརྒྱབ
མཐའ་མཇུག་གི་ཆུ་ཐིགས་གཅིག་དེ
མིག་ཆུ་ལ་མ་གཏོང་རོགས

你可能喜欢