清缘

演唱:三佰东主
清缘 - 三佰东主
词:喜阳
曲:三佰东主
ཆུ་མོ་གཞུང་ལ་ཤག་ཤག།
འུ་གཉིས་ཕྱི་ཐག་ཡིན་འདྲ།།
སྤྲིན་པ་མཁའ་ལ་ལང་ལོང་།།
འུ་གཉིས་བསམ་པ་ཡིན་འདྲ།།
འཛོམས་པའི་ལས་སྐལ་ཞིག་གིས།།
ཞེ་འདང་ཞེ་ལ་སྨིན་སོང་།།
སྣང་བ་མཐུན་ཕྱོགས་ཤིག་གིས།།
མ་གྲོས་གཅིག་ལ་འཐད་བྱུང་།།
ཨ་རོ་ལ་ཡེ་་་་་འཁོར་བའི་སྙིང་བོ་ཟེར་བའི་རི་མོ་དེ།
ཨ་རོ་ལ་ཡེ་་་་་་དམར་ཆུང་བྱུ་རུ་ཟེར་བའི་དམ་བཅའ་དེ།
འུ་གཉིས་སེམས་ན་སླད་མེད་དྭངས་གཙང་ཞིག
བལ་དཀར་ཁ་ཆུ་འཇོ་འཇོ།།
འུ་གཉིས་ཞེ་འདང་ཡིན་འདྲ།།
རྩྭ་ལྗང་ཟིལ་བ་ཁྲོམ་ཁྲོམ།།
འུ་གཉིས་སྣང་བ་ཡིན་འདྲ།།
ལས་ཀྱི་བསྐོས་ཐང་ཤིག་གིས།།
གཞིས་ཁྱིམ་གཅིག་ལ་འཛོམས་སོང་།།
བརྩེ་བའི་ཨ་ལན་ཞིག་གིས།།
གཏན་གྱི་མདུན་མར་ཐེབས་སོང་།།
ཨ་རོ་ལ་ཡེ་་་་་དུངས་སེམས་འོ་མ་ཟེར་བའི་མངར་ཁ་དེ།
ཨ་རོ་ལ་ཡེ་་་་་་ཁྲེལ་གཞུང་མཚོ་མོ་ཟེར་བའི་ཟབ་ཚད་དེ།
འུ་གཉིས་སེམས་ན་འགྱུར་མེད་འདང་བརྩེ་ཞིག
ཨ་རོ་ལ་ཡེ་་་་་དུངས་སེམས་འོ་མ་ཟེར་བའི་མངར་ཁ་དེ།
ཨ་རོ་ལ་ཡེ་་་་་་ཁྲེལ་གཞུང་མཚོ་མོ་ཟེར་བའི་ཟབ་ཚད་དེ།
འུ་གཉིས་སེམས་ན་འགྱུར་མེད་འདང་བརྩེ་ཞིག

你可能喜欢