吉祥新年

演唱:泽旺拉姆、谢旦
吉祥新年 - 泽旺拉姆/谢丹
词:民间
曲:民间改编
音乐营销:梦飞船国际文化
ང་ཚོ་བོད་ཀྱི་ལོ་སར།
དགའ་སྐྱིད་འཛོམས་པའི་ལོ་སར།
ང་ཚོ་བོད་ཀྱི་ལོ་སར།
དགའ་བའི་བྲོ་ཞིག་འཁྲོབས་དང་།
སྐྱིད་པའི་གླུ་ཞིག་ལོངས་དང་།
ང་ཚོ་བོད་ཀྱི་ལོ་སར།
འདི་འདྲའི་སྐྱིད་པའི།
འདི་འདྲའི་དགའ་བའི་བོད་ཀྱི་ལོ་སར།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
ཨ་མ་བག་བྲོ་སྐུ་ཁམས་བཟང་།
གཏན་དུ་བདེ་བ་འཐོབ་པར་ཤོག
དཀར་ཡོལ་ནང་གི་ཆང་འདི།
རྟེན་འབྲེལ་མ་སྒྲིག་རང་འགྲིག
མཆོད་ཆང་མཆོད་རོགས་གནོངས་དང་།
ཁ་ལ་བཀྲ་ཤིས་རྟགས་བརྒྱད།
ཞབས་ལ་པདྨ་འདབ་བརྒྱད།
ང་ཚོ་བོད་ཀྱི་ལོ་སར།
འདི་འདྲའི་ཞིམ་པའི་མཆོད་ཆང་།
ཨ་ཅག་ཆང་མ་ལགས་ཀྱིས་གནང་བྱུང་།
ལྷ་ཡིས་མཆོད་ན་ཚེ་ཐག་རིང་།
མི་ཡིས་མཆོད་ན་སྣང་བ་སྐྱིད།
ང་ཚོ་བོད་ཀྱི་ལོ་སར།
དགའ་སྐྱིད་འཛོམས་པའི་ལོ་སར།
ང་ཚོ་བོད་ཀྱི་ལོ་སར།
དགའ་བའི་བྲོ་ཞིག་འཁྲོབས་དང་།
སྐྱིད་པའི་གླུ་ཞིག་ལོངས་དང་།
ང་ཚོ་བོད་ཀྱི་ལོ་སར།
འདི་འདྲའི་སྐྱིད་པའི།
འདི་འདྲའི་དགའ་བའི་བོད་ཀྱི་ལོ་སར།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
ཨ་མ་བག་བྲོ་སྐུ་ཁམས་བཟང་།
གཏན་དུ་བདེ་བ་འཐོབ་པར་ཤོག
དཀར་ཡོལ་ནང་གི་ཆང་འདི།
རྟེནའབྲེལ་མ་སྒྲིག་རང་འགྲིག
མཆོད་ཆང་མཆོད་རོགས་གནོངས་དང་།
ཁ་ལ་བཀྲ་ཤིས་རྟགས་བརྒྱད།
ཞབས་ལ་པདྨ་འདབ་བརྒྱད།
ང་ཚོ་བོད་ཀྱི་ལོ་སར།
འདི་འདྲའི་ཞིམ་པའི་མཆོད་ཆང་།
ཨ་ཅག་ཆང་མ་ལགས་ཀྱིས་གནང་བྱུང་།
ལྷ་ཡིས་མཆོད་ན་ཚེ་ཐག་རིང་།
མི་ཡིས་མཆོད་ན་སྣང་བ་སྐྱིད།
ང་ཚོ་བོད་ཀྱི་ལོ་སར།
ལྷ་ཡིས་མཆོད་ན་ཚེ་ཐག་རིང་།
མི་ཡིས་མཆོད་ན་སྣང་བ་སྐྱིད།
ང་ཚོ་བོད་ཀྱི་ལོ་སར།
ལྷ་ཡིས་མཆོད་ན་ཚེ་ཐག་རིང་།
མི་ཡིས་མཆོད་ན་སྣང་བ་སྐྱིད།
ང་ཚོ་བོད་ཀྱི་ལོ་སར

你可能喜欢