梦中的牧女

演唱:班措
班措 - 梦中的牧女
作词:曼拉杰甫
作曲:久西错
ཡེ་
ངས་མདང་གསུམ་རྨིས་པའི་རྨི་ལམ་ལ།།
འབྲོག་ན་དམར་ན་གཞུང་གོང་མ་ན།།
ལུག་ཚེར་དཀར་དགུ་སྟོང་དགུ་བརྒྱ་ཡོད།།
ངས་དགུ་སྟོང་དགུ་བརྒྱ་ཡུལ་ལ་དེད།།
ངག་གླུ་ཆུང་བླངས་ནས་གཉིད་ལས་སད།།
སྨན་འབྲོག་མོའི་བག་ཆག་སད་ཕྱོགས་རེད།།
ཡེ།
ངས་མདང་གསུམ་རྨིས་པའི་རྨི་ལམ་ལ།།
འབྲོག་ན་དམར་ན་གཞུང་བར་མ་ན།།
ནོར་གནག་མོ་དགུ་སྟོང་དགུ་བརྒྱ་ཡོད།།
ངས་དགུ་སྟོང་དགུ་བརྒྱ་ཡུལ་ལ་དེད།།
ངག་གླུ་ཆུང་བླངས་ནས་གཉིད་ལས་སད།།
སྨན་འབྲོག་མོའི་བག་ཆག་སད་ཕྱོགས་རེད།།
ཡེ།
ངས་མདང་གསུམ་རྨིས་པའི་རྨི་ལམ་ལ།།
འབྲོག་ན་དམར་ན་གཞུང་ཞོལ་མ་ན།།
རྟ་འདོ་རིགས་དགུ་སྟོང་དགུ་བརྒྱ་ཡོད།།
ངས་དགུ་སྟོང་དགུ་བརྒྱ་ཡུལ་ལ་དེད།།
ངག་གླུ་ཆུང་བླངས་ནས་གཉིད་ལས་སད།།
སྨན་འབྲོག་མོའི་བག་ཆག་སད་ཕྱོགས་རེད།།

你可能喜欢