羽冠

演唱:赛吾
作词:羽冠、民间
作曲:赛吾、民间
编曲:赛吾
制作人:旦旦
ཧེ། སྒྲོ་འཕྲུ། ཧེ། སྒྲོ་འཕྲུ།
འཚོ་བ་འདི་ནི་ཅི་ཞིག་གིས་བྲིས་ཡོང་།
སྐྱོ་བ་དེ་ནི་གང་ཞིག་ནས་སེལ་ཡོང་།
ཨེ་མ། ཨེ་མ།
ཆང་ཕོར་འདི་ནི་སུ་ཞིག་ལ་བཀྱག་དགོས།
སྤྲོ་གསེང་དེ་ནི་གང་ཞིག་ཏུ་གཏོང་དགོས།
སྒྲོ་འཕྲུ། སྒྲོ་འཕྲུ།
གྲོ་མོ་རིན་ཆེན་སྒང་ལ།
ཐད་མཁན་མི་ཞིག་བྱུང་ན།
ངའི་ཆེན་པོའི་ལག་རྟགས་མེད་ཀྱང་།
ཆུང་བའི་ཡིག་ཆུང་བསྐུར་ཡོད།
ཧོ་་་་་་ཧོ་་་་་་།
འཚོ་བ་དེ་བོར་བའི་མི་རང་གཅིག་པུ་མ་རེད།
སྐྱོ་བ་དེས་ཁེངས་པའི་མི་རང་གཅིག་པུ་མ་རེད།
ཆང་ཕོར་དེ་བཟུང་བའི་མི་རང་གཅིག་པུ་མ་རེད།
སྤྲོ་གསེང་དེ་གཏང་དགོས་ན་སྒྲོ་འཕྲུ་ཚང་དུ་ཕེབས་ཤོག།

你可能喜欢