阿香措

演唱:南江秋措
南江秋措 - 阿香措
作词:夏米尼·加贝丹增
作曲:云丹贡布
ཕུ་ནུ་ནང་དམེ་མ་བྱེད་ཨ་ཞང་ཚོ།།
རྩྭ་ས་རྩོད་གླེང་མ་བྱེད་ཨ་ཞང་ཚོ།།
གཡང་ཟོག་གཤས་རར་མ་ཕབས་ཨ་ཞང་ཚོ།།
བུ་ཕྲུག་རིག་གནས་སློབ་ཤིག་ཨ་ཞང་ཚོ།།
ཆོལ་གསུམ་ཕུ་ནུ་གཅིག་རེད་ཨ་ཞང་ཚོ།།
ཕུ་ནུའི་ཤ་རུས་གཅིག་རེད་ཨ་ཞང་ཚོ།།
རྡར་མ་ལག་མགྱོགས་མ་བྱེད་ཨ་ཞང་ཚོ།།
དགེ་བཅུའི་ཁྲིམས་ར་སྲུང་ཞིག་ཨ་ཞང་ཚོ།།
ཆེན་པོའི་ཁྲི་ལ་མ་རྩོད་ཨ་ཞང་ཚོ།།
རྒྱལ་བསྟན་སྤྱི་ལ་བསམས་ཤིགས་ཨ་ཞང་ཚོ།།
བཤད་སྒྲུབ་སྙིང་པོ་སྤེལ་ཅིག་ཨ་ཞང་ཚོ།།
རང་རྒྱལ་གཞན་ཕམ་མ་བྱེད་ཨ་ཞང་ཚོ།།
ཕུ་ནུ་ནང་དམེ་མ་བྱེད་ཨ་ཞང་ཚོ།།
རྩྭ་ས་རྩོད་གླེང་མ་བྱེད་ཨ་ཞང་ཚོ།།
གཡང་ཟོག་གཤས་རར་མ་ཕབས་ཨ་ཞང་ཚོ།།
བུ་ཕྲུག་རིག་གནས་སློབ་ཤིག་ཨ་ཞང་ཚོ།།
ཆོལ་གསུམ་ཕུ་ནུ་གཅིག་རེད་ཨ་ཞང་ཚོ།།
ཕུ་ནུའི་ཤ་རུས་གཅིག་རེད་ཨ་ཞང་ཚོ།།
རྡར་མ་ལག་མགྱོགས་མ་བྱེད་ཨ་ཞང་ཚོ།།
དགེ་བཅུའི་ཁྲིམས་ར་སྲུང་ཞིག་ཨ་ཞང་ཚོ།།
ཕོ་མཆོག་མོ་དམན་མ་འཛིན་ཨ་ཞང་ཚོ།།
རྫས་འགྱུར་བཟའ་བཏུང་བྱེད་ཨ་ཞང་ཚོ།།
ཁོར་ཡུག་སྲུང་སྐྱོབས་མ་བརྗེད་ཨ་ཞང་ཚོ།།
བོད་མིའི་སྲོལ་རྒྱུན་མ་བརླགས་ཨ་ཞང་ཚོ།།
ཁོར་ཡུག་སྲུང་སྐྱོབས་མ་བརྗེད་ཨ་ཞང་ཚོ།།
བོད་མིའི་སྲོལ་རྒྱུན་མ་བརླགས་ཨ་ཞང་ཚོ།།

你可能喜欢