幸福一家人
演唱:谢尔巴、仁青卓玛、彭毛德吉བདེ་སྐྱིད་ཀྱི་ཁྱིམ་གཞི། ཁག་གཉིས་པ།
幸福一家人
གཞས་ཚིག རྩེ་སྐྱེས་རང་གྲོལ།
作词:让卓
གཞས་གདངས། ཤེར་བྷ།
作曲:谢尔巴
ལེན་མཁན། ཤེར་བྷ། རིན་ཆེན་སྒྲོལ་མ། ཕག་མོ་བདེ་སྐྱིད།
演唱:谢尔巴&仁青卓玛&彭毛德吉
སེམས་རྟེན་མར་ལོ་འདྲ་ཞིག།
དྲིན་ཆེན་ཕ་མས་གནངས་སོང་།།
ལོ་ལ་ཟླ་བ་མཐུད་དུས།།
ཞིམ་མངར་སེམས་ཀྱིས་ཚོར་ཡོང་།།
གཅེས་ཕྲུག
ཁྱེད་ཀྱི་ནར་སོན་གྱི་གོ་རིམ་ནི་ངའི་དཀའ་སྡུག་ཀློང་གི་བདེ་སྐྱིད་དེ་ཡིན།
གཡང་ཁྱིམ་འདི་ནས།
ངས་རང་གི་ངལ་དུབ་ཡོད་ཚད་སྣང་བའི་གླུ་རུ་བླངས་ཆོག
གཅེས་ཕྲུག
ང་ཚོ་ལྷན་འཛོམས་ཀྱི་སྐར་ཆ་རེ་རེ་ནི་མི་ཚེའི་ཆེས་མཛེས་པའི་འཚོ་བ་དེ་ཡིན།
འཚོ་བའི་ཁྲོད་ནས།
མངར་སྐྱུར་གྱི་ལོ་ཟླ་ག་ཙམ་མྱངས་པ་རང་གིས་ཀྱང་བརྗེད།
མཉམ།
ཨ། རེ་བའི་ཁྱིམ་གཞི། བདེ་སྐྱིད་ཀྱི་ཁྱིམ་གཞི།
ཉེ་བའི་གམ་ན་ཡོད་དུས་སེམས་ངལ་གསོ་ས།
རྒྱང་རིང་ཡུལ་ན་གནས་དུས་དྲན་པ་འཐུ་ས།
ཨ། རེ་བའི་ཁྱིམ་གཞི། བདེ་སྐྱིད་ཀྱི་ཁྱིམ་གཞི།
མངར་སྐྱུར་གཏམ་རྒྱུད་འཐིམ་སའི་ཕལ་བའི་འཚོ་བ།
འཚོ་བའི་རབ་ཁ་བརྒྱུད་དུས་སེམས་པ་གླན་ས།